轮回
  歌手:罗布桑珠
  所属专辑:祖先啦纳木
  发行时间:2011.12.18
  发行公司:
作词 : 罗布桑珠
作曲 : 罗布桑珠
མཛེས་པའི་ས་གཞི་དེ།
ད་ཆ་དེ་འདྲས་གང་འདྲས་ཟེ་ཆགས་པ་རས།
སྔོན་མའི་སྔོ་བའི་གནམ་དེ།
ད་ཆ་དུ་བས་ཁེངས་བཞག
མཛེས་པའི་སྤང་ལྗོངས་དེ་ཡང་།
སྔར་བཞིན་བསྡད་མིན་འདུག
སྔོན་མའི་ལྷད་མེད་ཀྱི་ང་ཚོ།
ད་ཆ་དེ་འདྲས་གང་འདྲས་ཟེ་ཆགས་པ་ཡིན་ན།
ཐ་མ་བར་དོ་འགྲིམས་པའི་སྐབས།
ང་ཚོར་སེམས་སྟོང་པ་ཞིག་ལས་ག་རེ་ཡོག་རས།
ཐ་ན་ལས་བཟང་ཞིག་བྱེད་དགོས་བསམ་ནའི།
ང་ཚོར་ལུས་པོ་དེ་ཡོག་མ་རེད།
༺ ཉམས་རྒུད། ༻
ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ།
འགྲོ་བ་རིགས་དྲུག་འཁོར་བའི་ནང་དུ་ཚུད་ཟིན་ན།
ཞེ་སྡང་ཕྲག་དོག་གཏི་མུག་ཉོན་མོངས་ཀྱིས་ཁེངས་ཞིང་།
གཞན་ཕན་བསམ་བློ་གང་ཡང་མེད་པའི་སྐྱེ་བོ་ཚོ།
མི་ལུས་དེ་ལ་བེད་སྤྱོད་བྱེད་མཁན་འདྲེ་ལ་འགྱུར།
ལས་དང་རྒྱུ་འབྲས་གང་ཡང་མ་བརྩི་དངུལ་ལ་དགའ།
དེ་ཡིས་རྐྱེན་པས་ཕ་མ་སྤུན་མཆེད་དགྲ་ལ་འགྱུར།
རང་ཉིད་འཚོ་གནས་བྱེད་བཞིན་ཡོད་པའི་ས་གཞི་འདིར།
གཅེས་སྤྲས་མ་བྱས་གཏོར་སྐྱོན་བཏང་སོང་ཡིད་རེ་སྐྱོ།
མཛེས་པའི་ས་གཞི་དེ་ག་དུས་དེ་འདྲས་ཟེ་ཆགས་པ་རས།
དེ་ནི་མི་ཚོའི་འདོད་རྔམས་ཀྱི་འབྲས་བུ་དེ་ཡིན།
སྔོན་མའི་སྔོ་བའི་གནམ་ད་ཆ་དུ་བས་ཁེངས་བཞག
མཛེས་པའི་སྤང་ལྗོངས་དེ་ཡང་སྔར་བཞིན་མེད།
ཨོའོ་་་་་བསམ་བློ་འཁོར་མྱོང་ངམ།
འདོད་རྔམས་གྱི་ཁེངས་པའི་མི་ཚོགས་རྣམས།
སྔོ་ལྗང་འཇིག་རྟེན་ང་ཚོའི་ལག་ནས་མེད་པ་བཟོས་སོང་།
བསམ་བློ་འཁོར་མྱོང་ངམ།
འདྲེ་ལ་འགྱུར་བའི་མི་ཚོགས་རྣམས།
ལས་དང་རྒྱུ་འབྲས་ཐག་པའི་འོག་ནས་ཐར་ཐབས་མེད།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
འགྲོ་བ་རིགས་དྲུག་འཁོར་བའི་ནང་དུ་ཚུད་ཟིན་ན།
ཞེ་སྡང་ཕྲག་དོག་གཏི་མུག་ཉོན་མོངས་ཀྱིས་ཁེངས་ཞིང་།
དམར་ཟས་དགའ་བའི་སེམས་པ་སྡིག་པའི་འཁྲུལ་སྣང་དེ།
བྱམས་དང་སྙིང་རྗེ་གང་ཡང་མེད་པ་ཡིད་རེ་སྐྱོ།
མཛེས་པའི་ས་གཞི་དེ་ག་དུས་དེ་འདྲས་ཟེ་ཆགས་པ་རས།
དེ་ནི་མི་ཚོའི་འདོད་རྔམས་ཀྱི་འབྲས་བུ་དེ་ཡིན།
སྔོན་མའི་སྲོག་ཆགས་རྣམས་ད་ཆ་སྟོང་ལ་ཉེ་དུ་འགྱུར།
ཞི་བདེའི་འཇིག་རྟེན་དེ་ཡང་སྔར་བཞིན་མེད།
ཨོའོ་་་་་བསམ་བློ་འཁོར་མྱོང་ངམ།
འདོད་རྔམས་གྱི་ཁེངས་པའི་མི་ཚོགས་རྣམས།
ཕུན་སུམ་ཚོགས་པའི་འཇིག་རྟེན་དེ་ནི་མེད་པ་བཟོས་སོང་།
བསམ་བློ་འཁོར་མྱོང་ངམ།
འདྲེ་ལ་འགྱུར་བའི་མི་ཚོགས་རྣམས།
ལས་དང་རྒྱུ་འབྲས་ཐག་པའི་འོག་ནས་ཐར་ཐབས་མེད།
སྔོན་མའི་ལྷད་མེད་ཀྱི་ང་ག་དུས་དེ་འདྲས་ཟེ་ཆགས་པ་རས།
དེ་ནི་ང་ཡི་འདོད་རྔམས་ཀྱི་འབྲས་བུ་དེ་ཡིན།
ཐ་མ་བར་དོ་འགྲིམས་པའི་སྐབས་ང་ལ་སེམས་སྟོང་ཞིག་ལས་མེད།
སེམས་པ་བཟང་ཡང་ལུས་པོ་ང་ལ་མེད།
ཨོའོ་་་་་བསམ་བློ་འཁོར་མྱོང་ངམ།
འདོད་རྔམས་གྱི་ཁེངས་པའི་མི་ཚོགས་རྣམས།
སྔོ་ལྗང་འཇིག་རྟེན་ང་ཚོའི་ལག་ནས་མེད་པ་བཟོས་སོང་།
བསམ་བློ་འཁོར་མྱོང་ངམ།
འདྲེ་ལ་འགྱུར་བའི་མི་ཚོགས་རྣམས།
ལས་དང་རྒྱུ་འབྲས་ཐག་པའི་འོག་ནས་ཐར་ཐབས་མེད།
བསམ་བློ་འཁོར་མྱོང་ངམ།
འདོད་རྔམས་གྱི་ཁེངས་པའི་མི་ཚོགས་རྣམས།
ཕུན་སུམ་ཚོགས་པའི་འཇིག་རྟེན་དེ་ནི་མེད་པ་བཟོས་སོང་།
བསམ་བློ་འཁོར་མྱོང་ངམ།
འདྲེ་ལ་འགྱུར་བའི་མི་ཚོགས་རྣམས།
ལས་དང་རྒྱུ་འབྲས་ཐག་པའི་འོག་ནས་ཐར་ཐབས་མེད།

  • 最新发布专辑推荐
←回首页  m.geci9999.com   回顶部 ↑
流行歌曲歌词免费下载 电脑版