父母
  歌手:罗布桑珠
  所属专辑:祖先啦纳木
  发行时间:2011.12.18
  发行公司:
作词 : 罗布桑珠
作曲 : 罗布桑珠
༺ ཕ་མ་དྲན་གླུ། ༻
ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ།
གངས་དཀར་པོ་བུ་ངའི་མིག་མདུན་དུ་ཡོད།
གནམ་སྔོན་པོ་མགོ་བོའི་སྟེང་དུ་ཡོད།
དྲིན་ཆེན་ཕ་མའི་ཞལ་རས།
བུ་ངའི་སེམས་ནང་དུ་ཡོད།
སྐྱིད་ཆུ་སྔོན་མོ་རྐང་འགྲམ་ནས་རྒྱུག
རྩྭ་ཐང་དེ་ང་ཡི་རྐང་འོག་ཡོད།
དྲིན་ཆེན་ཕ་མའི་བྱམས་བརྩེ།
བུ་ངའི་སེམས་ནང་དུ་དྲོ།
རང་ཡུལ་རྒྱང་ལ་བཞག་ནས།
ཆ་མེད་མི་ཡུལ་འགྲིམས་དུས།
ང་ཡི་བྱམས་བརྩེའི་ཕ་མ་དྲན་བྱུང་།
ཨོའོ། ཕ་མ།
ང་ཡི་བརྩེ་བའི་ཕ་མ་དྲན་བྱུང་།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
དྲོ་སྐྱིད་ཉི་མའི་འོད་ཟེར་འོག
དྲི་ཞིམ་གྱི་མེ་ཏོག་སྣ་ཚོགས་བཞད།
དྲིན་ཆེན་ཕ་མའི་བཀའ་དྲིན།
བུ་ངའི་སེམས་གཏིང་དུ་ངེས།
ཨ་སྔོན་སྟེང་གི་རྒོད་པོ་དེ།
གཤོག་རྩལ་ངོམ་ནས་འཕུར་བཞིན་འདུག
དྲིན་ཆེན་ཕ་མའི་བཀའ་སློབ།
བུ་ངའི་སེམས་གཏིང་དུ་ངེས།
ས་མཐའ་འགྲིམས་པའི་བུ་ཆུང་།
ཁེར་རྐྱང་སྡུག་རོགས་མེད་དུས།
ན་རྒས་ཕ་མའི་ལྷ་སྒྲུང་དྲན་བྱུང་།
ཨོའོ། བརྩེ་བའི།
ཨོའོ། ཕ་མ།
ཕ་མའི་དུང་དཀར་གྱི་དབུ་སྐྲ།
མདང་ནུབ་རྨི་ལམ་ནང་དུ་རྨིས་བྱུང་།
ཨོའོ། བརྩེ་བའི།
ཨོའོ། ཕ་མ།
ཕ་མའི་དམར་སྨུག་གི་བཞིན་རས།
མདང་ནུབ་རྨི་ལམ་ནང་དུ་རྨིས་བྱུང་།
མདང་ནུབ་རྨི་ལམ་ནང་དུ་རྨིས་བྱུང་།

  • 最新发布专辑推荐
←回首页  m.geci9999.com   回顶部 ↑
流行歌曲歌词免费下载 电脑版