赞歌
  歌手:罗布桑珠
  所属专辑:我来了
  发行时间:2009.01.01
  发行公司:
作词 : 罗布桑珠
作曲 : 罗布桑珠
༺ བསྟོད་གླུ། ༻
ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ།
ཆུ་ལ་སྐྱིད་ཆུ་སྔོན་མོ།
ང་ཡི་མཛེས་པའི་ཕ་ཡུལ།
གངས་རི་རྭ་བས་བསྐོར་བའི།
ང་ཡི་ཕ་ཡུལ་བོད་ལྗོངས།
སེམས་བཟང་ཡ་རབས་ལྡན་པའི།
ང་ཚོ་བོད་རིགས་སྤུན་ཟླ་ཡིན་ནོ།
བརྗིད་ཆགས་ཕོ་བྲང་དམར་པོ།
འཛམ་གླིང་འདི་ཡི་གཙུག་རྒྱན།
བསངས་གི་དྲི་ཞིམ་འཐུལ་ལ།
རི་རྩེར་རླུང་རྟ་ལྷབ་ལྷུབ།
བུ་ཆུང་ང་ཡི་སེམས་པ།
ནམ་ཡང་ཕ་ཡུལ་ཁྱེད་ལ་བཅངས་ཡོད།
མཇལ་བྱུང་།
འཛམ་གླིང་འདི་ཡི་ཡང་རྩེ།
ཇོ་མོ་གླང་མ།
རྨི་ལམ་ནང་གི་ཞིང་ཁམས།
ང་ཡི་ཕ་ཡུལ་བོད་ལྗོངས།
ང་ཚོའི་མཛེས་པའི་ཕ་ཡུལ།
དགའ་བའི་བསྟོད་གླུ་འབུལ་ལོ།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
ནམ་མཁའ་གཡུ་ལྟར་སྔོ་བའི།
ང་ཡི་མཛེས་པའི་ཕ་ཡུལ།
མུ་མཐའ་མེད་པའི་རྩྭ་ཐང་།
ང་ཡི་ཕ་ཡུལ་བོད་ལྗོངས།
མ་ཎིའི་སྙན་སྒྲ་སྒྲོག་པ།
དེ་ནི་ཆོས་སེམས་ལྡན་པའི་ལྷ་ཡུལ།
མཇལ་བྱུང་།
འཛམ་གླིང་འདི་ཡི་ཡང་རྩེ།
ཇོ་མོ་གླང་མ།
རྨི་ལམ་ནང་གི་ཞིང་ཁམས།
ང་ཡི་ཕ་ཡུལ་བོད་ལྗོངས།
ང་ཚོའི་མཛེས་པའི་ཕ་ཡུལ།
དགའ་བའི་བསྟོད་གླུ་འབུལ་ལོ།
ལ་་་་་ལ་་་་་་།

  • 最新发布专辑推荐
←回首页  m.geci9999.com   回顶部 ↑
流行歌曲歌词免费下载 电脑版