妈妈的孩儿
  歌手:罗布桑珠
  所属专辑:我来了
  发行时间:2009.01.01
  发行公司:
作词 : 莱谐
作曲 : 莱谐
༺ ཨ་མའི་ཨོ་ལོ། ༻
ཚིག་གདངས། ལེགས་བཤད།
གཞས་པ། ནོར་བུ་བསམ་གྲུབ།
ཨ་མའི་ཨོ་ལོ་གཉིད་རེ་སོད།
ཁྱེད་ནི་ཕ་མའི་ནོར་བུ།
ཁྱེད་ནི་ཕ་མའི་ཡོད་ཚད།
སྒྱིད་ལུག་ལེ་ལོའི་འཚོ་བ།
ཐམས་ཅད་ཕར་ལ་སྤོངས།
མ་འོངས་ཕུགས་བསམ་ཆེད་དུ།
ཤེས་རིག་རྩལ་ལ་འབད་དང་།
དེང་དུས་ཨ་མའི་ཨོ་ལོ།
རང་དགོས་ཤེས་བྱར་འབད་ནས།
སྒྱིད་ལུག་འཚོ་བ་སྤོངས་དང་།
རང་དགོས་ཤེས་བྱར་བརྩོན་དང་།
གསན་དང་ཨ་མའི་ཨོ་ལོ།
བདེ་སྐྱིད་ལམ་བུར་ལྟོས་དང་།
ཨ་མའི་སྙིང་གི་ནོར་བུ།
བུ་ཆུང་བཀྲ་ཤིས་དོན་གྲུབ།
ཨ་མའི་ཡོད་ཚད་ཁྱེད་ཡིན།
ཤེས་རིག་ཡོན་ཏན་མེད་ན།
བུ་ཆུང་འཚོ་ཐབས་བྲལ་ངེས།
དགོས་པའི་ཡོན་ཏན་སྦྱོང་དང་།
ཨ་མའི་སྙིང་གི་ནོར་བུ།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
ཨ་མའི་བུ་ཆུང་གཉིད་རེ་སོད།
ཁྱེད་ནི་ཞོགས་པའི་ཉི་གཞོན།
ཨ་མ་ལ་ཁའི་ཉི་མ།
འོད་སྟོང་འབར་བའི་ཕུགས་བསམ།
བུ་ཆུང་ཁྱེད་ལ་བཅོལ།
ལེགས་ཉེས་དབྱེ་བ་ཕྱེ་ཕྱེ།
ཤེས་རིག་མྱུ་གུ་འདེབས་དང་།
དེང་དུས་ཨ་མའི་ཨོ་ལོ།
ང་རྒྱལ་ཕྲག་དོག་སྤངས་དང་།
རང་དགོས་ཤེས་བྱར་འབད་དང་།
རང་དགོས་ཤེས་བྱར་བརྩོན་དང་།
གསན་དང་ཨ་མའི་ཨོ་ལོ།
བདེ་སྐྱིད་ལམ་བུར་ལྟོས་དང་།
ཨ་མའི་སྙིང་གི་ནོར་བུ།
བུ་ཆུང་བཀྲ་ཤིས་དོན་གྲུབ།
ཨ་མའི་ཡོད་ཚད་ཁྱེད་ཡིན།
ཤེས་རིག་ཡོན་ཏན་མེད་ན།
བུ་ཆུང་འཚོ་ཐབས་བྲལ་ངེས།
དགོས་པའི་ཡོན་ཏན་སྦྱོང་དང་།
ཨ་མའི་སྙིང་གི་ནོར་བུ།
བུ་ཆུང་བཀྲ་ཤིས་དོན་གྲུབ།
ཨ་མའི་ཡོད་ཚད་ཁྱེད་ཡིན།
ཤེས་རིག་ཡོན་ཏན་མེད་ན།
བུ་ཆུང་འཚོ་ཐབས་བྲལ་ངེས།
དགོས་པའི་ཡོན་ཏན་སྦྱོང་དང་།
ཨ་མའི་སྙིང་གི་ནོར་བུ།
བདེ་སྐྱིད་ལམ་བུར་ལྟོས་དང་།
ཤ་ཚའི་སྙིང་གཏམ་འདི་ལ་གསན།
ཤ་ཚའི་སྙིང་གཏམ་འདི་ལ་གསན།

  • 最新发布专辑推荐
←回首页  m.geci9999.com   回顶部 ↑
流行歌曲歌词免费下载 电脑版