远方的祝福
  歌手:罗布桑珠
  所属专辑:我来了
  发行时间:2009.01.01
  发行公司:
作词 : 罗布桑珠
作曲 : 罗布桑珠
༺ ཐག་རིང་གི་སྨོན་འདུན། ༻
ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
ཆུང་སྦར་མོ་གང་ནས་ད་བར་སྐྱོང་མཁན།
ང་ཡི་བརྩེ་བའི་ཕ་མ།
ད་ལྟ་ཁྱེད་རྣམས་བྲལ་ནས།
མི་ཡུལ་ལུང་པར་རིག་གནས་སྦྱོང་བར་ཕྱིན།
མི་ཡུལ་ལུང་པར་སྡུག་པོ་མཐོང་དུས།
དྲིན་ཆེན་ཕ་མ་དྲན་བྱུང་།
མ་ཉལ་གོང་ལ་ཟླ་འོད་མཐོང་དུས།
ང་ཡི་མིག་ཆུ་ཤོར་བྱུང་།
ཟས་ཞིམ་གོས་དྲོ་ང་ལ་གཡོག་མཁན།
ང་ཡི་བརྩེ་བའི་ཕ་མ།
ད་ལྟ་ཤེས་པར་ཁྱེད་ཀྱི་བྱམས་སྐྱོང་།
ཉི་མའི་འོད་ཟེར་ལས་ཀྱང་དྲོ།
སེམས་ཀྱི་སྐད་ཆ་བཤད་དགོས་བསམ་ཀྱང་།
བཤད་ས་མེད་པས་གཅིག་ལབ་བརྒྱབ།
ཞོགས་པའི་ཉི་གཞོན་མཐོང་བ་ཙམ་གྱིས།
ཡང་བསྐྱར་མཆི་མ་ཤོར་བྱུང་།
ཨོའོ་་་་་ཨོའོ་་་་་་
བཀའ་དྲིན་ད་ལྟ་འཇལ་མི་ཐུབ།
བུ་ང་མི་ཡུལ་གྱི་ལུང་པར་ཁྱེད་རྣམས་དྲན།
ཨོའོ་་་་་ཨོའོ་་་་་་
ཁྱེད་གཉིས་པོ་སྐུ་གཟུགས་གསལ་ཐང་ཡིན།
བུ་ངས་ཐག་རིང་ནས་ཕུལ་བའི་སྨོན་འདུན།
ནམ་མཁའི་བླ་མ་དཀོན་མཆོག་གིས་གཟིགས་དང་།
ང་ཡི་བརྩེ་བའི་ཕ་མ།
སྐུ་ཚེ་རིང་བའི་སྨོན་འདུན་ཞུ།
ང་ཡི་བརྩེ་བའི་ཕ་མ།
ནམ་ཡང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ།
ཨོའོ་་་་་ཨོའོ་་་་་་
བཀའ་དྲིན་ད་ལྟ་འཇལ་མི་ཐུབ།
བུ་ང་མི་ཡུལ་གྱི་ལུང་པར་ཁྱེད་རྣམས་དྲན།
ཨོའོ་་་་་ཨོའོ་་་་་་
ཁྱེད་གཉིས་པོ་སྐུ་གཟུགས་གསལ་ཐང་ཡིན།
བུ་ངས་ཐག་རིང་ནས་ཕུལ་བའི་སྨོན་འདུན།
ནམ་མཁའི་བླ་མ་དཀོན་མཆོག་གིས་གཟིགས་དང་།
ང་ཡི་བརྩེ་བའི་ཕ་མ།
སྐུ་ཚེ་རིང་བའི་སྨོན་འདུན་ཞུ།
ང་ཡི་བརྩེ་བའི་ཕ་མ།
ནམ་ཡང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ།

  • 最新发布专辑推荐
←回首页  m.geci9999.com   回顶部 ↑
流行歌曲歌词免费下载 电脑版