天地果洛
  歌手:谢旦
  所属专辑:天地果洛
  发行时间:2022.11.08
  发行公司:
作词 : 达拉甲
作曲 : 曲达
ས་མགོ་ལོག་ནམ་མཁའི་མཐའ་ན་ཡོད།
གངས་མཐོན་པོ་སྲིད་པའི་ཀ་བ་ཡོད།
མཚོ་ལྗང་ལོ་གཡུ་ཡི་མེ་ལོང་ཡོད།
ནགས་དགའ་ལྡན་ཁུ་ལོ་རང་འཁོར་ཡོད།
ནགས་དགའ་ལྡན་ཁུ་ལོ་རང་འཁོར་ཡོད།
སྤང་མེ་ཏོག་རྒྱ་མཚོ་འཁྱིལ་ནས་ཡོད།
ཨོ་་་་་་ཧོ་་་་་་ཨོ་་་་་་་
གནམ་མགོ་ལོག་ནམ་མཁའི་རྩྭ་ཐང་རེད།
ཨོ་་་་་་ཧོ་་་་་་ཨོ་་་་་་་
གནམ་མགོ་ལོག་ནམ་མཁའི་རྩྭ་ཐང་རེད།

གནམ་མགོ་ལོག་ཐག་རིང་ཡུལ་ན་ཡོད།
ཐང་རི་ལུང་སྨན་དྲིས་ཁྱབ་ནས་ཡོད།
རྨ་ལུ་མའི་ཡོན་ཆབ་བཤམས་ནས་ཡོད།
སྦྲ་ཐང་སྨུག་ཁ་རུ་བརྒྱངས་ནས་ཡོད།
སྦྲ་ཐང་སྨུག་ཁ་རུ་བརྒྱངས་ནས་ཡོད།
ཕྱུགས་དཀར་ནག་སྐར་ཚོགས་བཀྲམ་ནས་ཡོད།
ཨོ་་་་་་ཧོ་་་་་་ཨོ་་་་་་་
གནམ་མགོ་ལོག་ནམ་མཁའི་རྩྭ་ཐང་རེད།
ཨོ་་་་་་ཧོ་་་་་་ཨོ་་་་་་་
གནམ་མགོ་ལོག་ནམ་མཁའི་རྩྭ་ཐང་རེད།

ཡུལ་མགོ་ལོག་གླིང་དཀར་སྟོད་ན་ཡོད།
བུ་དཔའ་བོ་སྟག་འདུས་གཟིག་འདུས་ཡོད།
མ་བུ་མོ་གང་ཡག་གང་འཛོམས་ཡོད།
གྲོགས་ཕུ་ནུ་ཁྱོད་དགའ་ང་སྐྱིད་ཡོད།
གྲོགས་ཕུ་ནུ་ཁྱོད་དགའ་ང་སྐྱིད་ཡོད།
འབངས་འཆམ་མཐུན་རྟེན་འབྲེལ་འགྲིག་ནས་ཡོད།
ཨོ་་་་་་ཧོ་་་་་་ཨོ་་་་་་་
གནམ་མགོ་ལོག་ནམ་མཁའི་རྩྭ་ཐང་རེད།
ཨོ་་་་་་ཧོ་་་་་་ཨོ་་་་་་་
གནམ་མགོ་ལོག་ནམ་མཁའི་རྩྭ་ཐང་རེད།
ཨོ་་་་་་ཧོ་་་་་་ཨོ་་་་་་་
གནམ་མགོ་ལོག་ནམ་མཁའི་རྩྭ་ཐང་རེད།
ཨོ་་་་་་ཧོ་་་་་་ཨོ་་་་་་་
གནམ་མགོ་ལོག་ནམ་མཁའི་རྩྭ་ཐང་རེད།

  • 最新发布专辑推荐
←回首页  m.geci9999.com   回顶部 ↑
流行歌曲歌词免费下载 电脑版