作词 : 周拉加
作曲 : 才让东珠
编曲 : 胡晓流
སྟོད་ཀྱི་རི་རྩེ་མཐོན་པོ་ན།།
རླུང་པོ་བསིལ་བསིལ་གཡུག་པ་དེས།།
རླུང་རྟའི་དར་ལྕོག་སྐྱོད་བཞིན་དུ།།
རྒྱང་རིང་ཡུལ་ལ་འགྲོ་བ་འདི།།
སེམས་མཐུན་སུ་ཞིག་བསམ་པ་ཡིན།།
སྙིང་ཉེ་གང་ཞིག་དྲན་པ་ཡིན།།
རླུང་པོ་རླུང་པོ་ང་ལ་ཉོན།།
གསོམ་པའི་དར་ཤིང་ཡང་རྩེ་ན།།
སྒྲོལ་མའི་དར་ལྕོག་ཁ་གང་ཡོད།
དེ་ཉིད་མ་འཁྱེར་ང་ལ་སྐྱུར།།
བུ་མོའི་སེམས་ཀྱི་སྐྱབས་གནས་དེ།།
དར་ལྕོག་དེ་ལ་གཏད་ནས་ཡོད།།
ཧོ་་་་་་རླུང་པོ་རླུང་པོ་ལགས།།
ཧོ་་་་་་རླུང་པོ་རླུང་པོ་ལགས།།
བུ་ཆུང་ང་ལ་ཐུགས་བསམ་བཞེས་རོགས་ཞུ།།
མདུན་གྱི་ན་ལུང་གྲུ་བཞི་ན།།
ཆུ་མོ་ཤིང་ཤིང་བཞུར་བ་དེས།།
མེ་ཏོག་འདབ་ལོ་འཐུ་བཞིན་དུ།།
རྒྱང་རིང་ཡུལ་ལ་བཞུར་བ་འདི།
སེམས་མཐུན་སུ་ཞིག་བསམ་པ་ཡིན།།
སྙིང་ཉེ་གང་ཞིག་དྲན་པ་ཡིན།།
ཆུ་མོ་ཆུ་མོ་ང་ལ་ཉོན།།
ཤར་གྱི་སྤང་ཐང་སྔོན་མོ་ན།།
སེར་ཆེན་མེ་ཏོག་རྐང་གཅིག་ཡོད།།
དེ་ཉིད་མ་འཁྱེར་ང་ལ་སྐྱུར།།
བུ་མོའི་སེམས་ཀྱི་དྲན་ཤིང་དེ།།
མེ་ཏོག་དེ་ལ་འཁོར་ནས་ཡོད།།
ཧོ་་་་་་ཆུ་མོ་ཆུ་མོ་ལགས།
ཧོ་་་་་་ཆུ་མོ་ཆུ་མོ་ལགས།
བུ་ཆུང་ང་ལ་ཐུགས་བསམ་བཞེས་རོགས་ཞུ།།
ཧོ་་་་་་ཆུ་མོ་ཆུ་མོ་ལགས།
ཧོ་་་་་་ཆུ་མོ་ཆུ་མོ་ལགས།
བུ་ཆུང་ང་ལ་ཐུགས་བསམ་བཞེས་རོགས་ཞུ།།